特色制剂
特色制剂
    当前位置: 医院首页 > 特色制剂 > 正文

    皇冠9393体育平台特色制剂

    作者: 发布日期:2024年03月21日 09:35

    སེ་འབྲུ་དྭངས་གནས་ཁ་ཚར། 

    ཕན་ཡོན་དང་གཙོ་བཅོས།ཕོ་བའི་མེ་དྲོད་གསོ་ཞིང་ཁ་ཟས་དྭངས་སྙིགས་འབྱེད། ལུས་སོར་རང་སོར་འཇུག མཆིན་ནད་གསར་རྙིང་ཀུན་དང་ཕོ་བ་རྒྱུ་ལོང་གི་གཅོང་ནད། མཁལ་གྲང་ཆུ་སེར་གྱི་ནད་སོགས་ལ་ཕན།

    赛珠当乃卡擦

    【功能主治】温胃益火、化滞除湿、温通脉道。对于治疗急慢性甲、乙型肝炎、慢性肠胃炎、消化不良、食欲不振、寒性腹泻等有显著疗效。


    གུར་ཀུམ་མཆོག་བདུན་ཁ་ཚར།

    ཕན་ཡོན་དང་གཙོ་བཅོས།ཟུངས་ཁྲག་ཉམས་པ་དང་མཆིན་པའི་ནུས་པ་གསོ་བ། མཆིན་ཁྲག་རྒྱས་པ། མཆིན་པ་བསྣད་འགྲམས། དེ་བཞིན་མཆིན་ནད་ཚིལ་ཅན་དང་མཁྲིས་པར་གཉན་ཁ་རྒྱས་པ་སོགས་མདོར་ན་མཆིན་ནད་གསར་རྙིང་ཀུན་ལ་བསྔགས།

    苦空确屯卡擦

    【功能主治】清热消炎、保肝退黄、改善睡眠。对于治疗急慢性甲、乙型肝炎及劳伤引起的肝血增盛,脂肪肝、胆囊炎等有独特疗效。


    བདུད་རྩི་ཟླ་འོད།

    ཕན་ནུས་དང་གཙོ་བཅོས།མཆིན་མཁྲིས་ཡུལ་དུ་མི་བདེ་བ་དང་མིག་དམར་བ།   ཕོ་མཆིན་གང་སྙམ་བྱེད་པ།   ཟས་ཀྱི་དང་ག་ཞན་པ།   བྱད་བཞིན་དང་མིག་སྤྲིན་སེར་བ།   བཤང་བ་སྐམ་པ་དང་ཟས་དུག་གི་རིགས་སོགས་ལ་ཕན་ནོ། །

    养肝丸

    【功能主治】肝胆区不舒适、胃酸过多、便秘、腹胀、消化不良、食物中毒等症。慢性肝炎、肝肿大、肝硬化、脂肪肝、肝功能异常等肝病综合症都有显著疗效。


    གར་བཅུ་ཁ་ཚར།

    ཕན་ཡོན་དང་གཙོ་བཅོས། ཁ་ཟས་མ་ཞུ་བ་དང་མཁྲིས་ཁུ་ཕོ་བར་ལོག་པ།  ཁ་ཏིག་ཁ་བ།  ཞི་མེར་ལངས་པ།  མཆིན་མཁྲིས་སྟེང་གཟེར་བ་དང་།   ཁྱད་པར་དུ་མཁྲིས་པའི་རྡོ་སྐྲན་དང་།  མཁྲིས་པའི་གཉན་ཚད།   མཁྲིས་ནད་མིག་སེར། མཁྲིས་ཁུ་རྒྱས་པ།   གྲང་མཁྲིས་ཀྱི་ནད།   སྣོད་མཁྲིས་འཁུམས་པ་སོགས་ལ་ཤིན་ཏུ་ཕན།

    胆康丸

    【功能主治】用于食积不化、胆汁反流、口苦、恶心、胆区疼痛、胆结石等肝胆系统疾病。特别对黄疸性肝炎及胆红素增高症、胆结石、胆囊炎、胆囊萎缩等疾病具有显著疗效。


    མཛོ་ཐང་ཁ་ཚར།

    ཕན་ཡོན་དང་གཙོ་བཅོས།ངན་ཁྲག་རྒྱས་ནས་སྟོད་གཟེར་བ་དང་ཁྲག་གར་པོ་གྱུར་ནས་གདོང་དང་མཆུ་ཏོ། ལག་སོར་བཅས་དམར་སྨུག་ཆགས་པ། ཁྲག་ཞག་འཕེལ་བ་སོགས་ཁྲག་ངན་འཕེལ་བའི་ནད་ལ་མཆོག་ཏུ་ཕན་པ་མ་ཟད་ས་མཐོའི་ལ་དུག་གམ་གསོ་རླུང་མི་འདང་བ་སོགས་ལའང་ཕན་ནུས་ལྡན་ཡོད།

    佐汤卡擦丸

    【功能主治】清血祛瘀、通脉理气。用于高血压,高血脂,多血症,动脉硬化等病症。


    གློ་སྨན་རིལ་བུ།

    ཕན་ཡོན་དང་གཙོ་བཅོས།གྲེ་བ་དང་གློ་བར་གཉན་ཚད་རྒྱས་ཏེ་གློ་མང་ལུ་བ་དང་ལུད་པ་འགོག་དཀའ་བ། དབུགས་མི་བདེ་བ། ཆམ་གཞུག་གློ་སུབས་ལངས་པ། ཆམ་ཚད་གྲེ་བར་བབས་པ་སོགས་དབུགས་ལམ་མ་ལག་གི་ནད་གཞིར་ཕན་པ་ཆེ་བའོ།

    止咳丸

    【功能主治】清肺、止咳、祛痰。用于慢性支气管炎、咽炎、哮喘、百日咳、感冒、缺氧等呼吸道感染疾病有显著疗效。


    གཅིན་སྙི་ཀུན་སེལ།

    ཕན་ནུས གཅིན་སྙི་ཟ་ཁུའི་ནད་ཀྱིས་གྲེ་བ་དང་ཁ་ལྕེ་སྐམ་པ། སྐོམ་དད་ཆེ་བ། གཅིན་ཁ་སྙི་བ། ཟས་རྔམས་ཆེ་བ། རྔུལ་ནག་མང་བ། གཉིད་ཆེ་བ། སྟོབས་མདངས་ཉམས་པ། གཟུགས་པོར་ཚ་འཁྱུག་རྒྱབ་པ། ཟ་འཕྲུགས་ལངས་པ། མཁལ་རྐེད་ན་བ། ཆུ་ཁར་ཚ་ཤར་རྒྱག་པ་སོགས་གཅིན་སྙིའི་ནད་རིགས་ཀུན་ལ་མཆོག་ཏུ་ཕན།

    藏秘降糖灵

    【功能主治】 益气、补肾、降糖。用于糖尿病引起的口渴多饮、消谷善饭、多尿、消瘦、心慌气短、乏力、出汗、皮肤干燥瘙痒等全身综合症及尿路感染症有显著疗效。


    གསལ་བྱེད་ལྕགས་རིལ་ཆེན་མོ།

    ཕན་ནུས།མིག་ནད་རབ་རིབ་ཕྱི་ནང་བར་འགྲིབ་དང་། རྒྱལ་མོ་འདལ་དང་ཆུ་འཁྲུམས་རྩ་མདངས་ཉམས། ཤ་མཛེར་ར་དང་ལིང་ཏོག་རྩ་དྲ་སོགས། མིག་ནད་སུམ་ཅུའི་གཡུལ་ལས་རྣམ་པར་རྒྱལ། གཞན་ཡང་འགྲམས་འཁྲུགས་ནད་དང་སྦྱར་དུག་དང་། སྨུག་པོ་ཁྲག་སྐྱུགས་མཆིན་མཁྲིས་ནད་ལ་སོགས། ལྡན་འདུས་ནད་རིགས་ཀུན་ག་ལ་མཆོག་ཏུ་བཤད།

    明目丸

    【功能主治】清肝明目、消障退翳。用于视神精病变,眼底病变,白内障、青光眼等多种眼病疗效显著外、肝胆,中毒疾病也有很好的疗效。


    གུར་གུམ་འཕྲུལ་སྦྱོར།

    ཕན་ཡོན་དང་གཙོ་བཅོས།མཆིན་པའི་ནད་རིགས་སྤྱི་དང་ཁྱད་པར་མཆིན་པའི་སྲིན་སྐྲན་དང་།  ཆུ་སྐྲན། མཆིན་ཁྲག་སྨུག་པོ་རྒྱས་པའི་ནད།  མཆིན་ནད་གཉན་དང་ལྡན་པའི་ནད་སོགས་མཆིན་ནད་རིགས་དང་།  སྐྲན་གྱི་ནད་རིགས་སོགས་ལའང་མཆོག་ཏུ་ཕན།

    固功吹觉

    【功能主治】  清热解毒、养肝化瘀。临床用于肝包囊肿、肝囊肿、肝淤血、乙肝、转氨酶增高等肝病及各种囊肿病症。


    རྩ་ནད་ཀུན་སེལ།

    ཕན་ཡོན་དང་གཙོ་བཅོས།ཁྲག་ཤེད་མི་སྙོམས་པ་དང་། སྙིང་ཁམས་མི་བདེ་བ། དྲན་ཤེས་ཉམས་པ། མགོ་དང་མཇིང་རྩ་ན་བ། ལུས་དང་ཡན་ལག་སྦྲིད་པ། རྩ་མདུད་འདྲིལ་བ་དང་། ཆུ་རྒྱུས་རེངས་ཁུམས་སུ་གྱུར་བ་སོགས། མདོར་ན་གྲིབ་སྐྱོན་གྱི་ནད་དང་བརྒྱལ་གཟེར་གྱི་ནད། མཐོང་བྱེད་དབང་རྩའི་ནད་འགྱུར་གྱི་མིག་ནད་སོགས་རླུང་ཁྲག་རྩ་དཀར་གྱི་ནད་རིགས་ཀུན་ལ་མཆོག་ཏུ་ཕན།

    堆孜桑培丸(经络康)

    【功能主治】安神开窍、明目、通经活络。用于中风,偏瘫,烦躁不安,视神经病变等神经性疾病。


    དུག་འཇོམས་དབང་རིལ་ཆེན་མོ།

    ཕན་ཡོན་དང་གཙོ་བཅོས།ཟས་དུག་དང་གྱུར་དུག་དངོས་དུག་སོགས་དུག་རིགས་གསར་རྙིང་སྤྱི་དང་།   ཚད་རྙིང་ལུས་ལ་ཞེན་པའི་ནད་རིགས་རྣམས་འཇོམས་ལ།   ཁྱད་པར་དུ་སྨུག་པོའི་རྒྱུ་རྐྱེན་གྱིས་གསོ་དཀའ་བའི་ནད་ལ་རྒྱུན་རིང་བསྟེན་ན་ཕན་ནུས་ཤིན་ཏུ་ཆེའོ།

    解毒玛宝丸

    【功能主治】清热解毒。用于食物中毒等各种急、慢性中毒症,长期发热等,特别对急、慢性胃肠道溃疡有显著疗效。


    གོ་ཡུ་བདེ་བསམ།

    ཕན་ཡོན་དང་གཙོ་བཅོས།མཁལ་དྲོད་ཉམས་དང་།  ཁུ་བ་ཟད་པ་གསོ་ཞིང་ལུས་ཀྱི་སྟོབས་མདངས་རྒྱས་ཤིང་རྒྱུན་དུ་བསྟེན་ན་ཚེ་བསྲིངས་བཅུད་ལེན་བྱེད་དོ།

    古玉德桑

    【功能主治】补肾强身,用于肾虚阳痿,腰膝酸弱,头晕心悸等,长期服用延缓衰老长寿等。


    གུར་བརྒྱད་ཁ་ཚར།

    ཕན་ནུས་དང་གཙོ་བཅོས། སྨུག་པོ་གྱེན་རྡོལ་ཁྲག་སྐྱུགས་སྣ་ཁྲག་འཛགས།  །མངལ་ཁྲག་མི་ཆོད་པ་མཚོན་ཁྲག་ཤོར་བ་དང་།   །བཤང་གཅིན་ཁྲག་འདྲེས་རྩ་ཁ་ཤོར་བ་ཡི། ། ཁྲག་ཤོར་མ་ལུས་གཅོད་པའི་སྤྱི་སྨན་ཡིན།  །

    古杰卡擦

    【功能主治】 止血。用于木布破溃,胃肠道出血、流鼻血、月经过多、外伤等出血症。


    བདུད་གསུམ་འཕྲུལ་འཁོར།

    ཕན་ཡོན་དང་གཙོ་བཅོས།མཆིན་ཁྲག་སྨུག་པོའི་ནད་ཀྱིས་ཁྲག་རུལ་དུད་ཁུ་སྐྱུགས་པ་དང་བྲང་ཚ་བ། ཆུ་སྐྱུར་དང་མཁྲིས་ཁུ་སྐྱུགས་པ། ཕོ་བ་དང་རྒྱུ་ལོང་སོགས་ལ་སྐྲན་ཆགས་པ་དང་རུས་པ་ཆག་གྲུམ་ཤོར་བ། བརྡབས་འགྲམས་སོགས་ལ་མཆོག་ཏུ་ཕན་ནོ།།

    三味甘露吹果

    【功能主治】疏肝健胃。用于培根病引起的肝胃不适、烧心、反酸、呕吐、胃肠溃疡、背肋刺痛等。


    ཆུ་སྨན་བདེ་འཁོར།

    ཕན་ནུསདངས་མ་མ་ཞུ་ཟགས་པ་ལས་བྱུང་བའི་ཆུ་གཞིའི་ནད་དོན་ཟགས་དང་སྣོད་ཟགས། བྱེར་ཆུ། འགྱིངས་ཆུ་སོགས་ཀྱིས་བོལ་གོང་དང་ངར་གདོང་། ཆུ་སོ། བཅུ་དྲུག་མདོ་སོགས་ཆུ་ཡི་མཁར་བརྒྱད་གཡོ་ཞིང་སྐྲངས་པའི་ཆུ་གཞིའི་ནད་རིགས་ཀུན་ལ་ཕན།

    利尿丸

    【功能主治】 消肿、利尿。用于心脏、肾脏等疾病引起的各种水肿症状具有显著疗效。


    Baidu
    sogou